囊谦县建档立卡贫困户:
现就做好2019年度“雨露计划”贫困家庭大学生和中、高等职校生助学补助工作有关事项通知如下:
一、补助对象
2016年、2017年、2018年已脱贫或2018年底尚未脱贫的建档立卡贫困家庭子女,于2019年秋季新考入或正就读于全日制普通高等院校(不含成人继续教育学院)或全日制中、高等职业教育院校的,可申报享受贫困家庭子女助学补助。
二、补助标准
1、建档立卡贫困家庭,接受全日制普通高等院校本科、专科教育或全日制高等职业教育的学生,每生每年补助10000元;
2、接受全日制中等职业教育或全日制普通高等院校预科教育的学生,每生每年补助5000元。
三、报名时间
申报时间为2019年8月19日---10月31日
四、申报方式
学生个人可通过手机安装“雨露百事通”APP按提示填报,或登录国务院扶贫办雨露计划网站(网址:www.yulujihua.com)实名注册提交申请。贫困家庭没有条件通过网络申报的,县级扶贫部门、驻村干部和帮扶责任人在征得贫困家庭同意后,及时提供帮助和服务。
五、学籍资格证明说明
(1)中、高职在校生需上传学校开具的学籍证明;
(2)本科、专科在校生需上传学信网下载的学籍证明;
(3)2019年全日制普通高等院校新招录的预科生需上传学校开具的学籍证明;
六、公示公告
审核通过的拟补助对象名单及相关信息在贫困家庭所在行政村进行公示,接受村民监督。公示内容包括学生的姓名、录取学校、接受高等教育的类别、户主姓名、家庭住址、是否建档立卡贫困户、补助标准、监督电话。公示现场拍摄照片,上传管理服务系统留存。对群众举报的不符合条件的补助对象,经查实由县级扶贫部门核准后取消补助对象资格。
七、补助资金发放
补助资金通过学生本人或者户主本地农业银行卡发放到户
八、根据2018年“雨露百事通”APP申请情况,特别提示
1、申报时中高职及2019年新考预科生需按要求上传学校开具的学籍证明,本科和专科需上传学信网下载的学籍证明。学校开具的学籍证明要求学校盖章清晰,并在2019年10月30日前将学籍证明带身份证图片上传到“雨露百事通”APP。
2、申报时间为2019年8月19日---10月31日。
3、申报人在注册时需提供保持畅通的常用联系方式。
4、申报人必须按要求上传学生的身份证和学籍证明照片。
5、预留的银行卡号(要求是农业银行卡)和开户人姓名必须是学生本人或者户主持有的玉树州内银行卡。
6、申报人上传的学籍证明和APP所填学校名称必须一致,如发现学校名称不同,影响到学生补助,后果由申报人自行承担。
7、苹果手机无法运行“雨露百事通”,申报时需用安卓手机。
监督举报电话:0976-8871031
ནང་ཆེན་རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ།
2019ལོའི་དབུལ་ཕོངས་ཁྱིམ་ཚང་གི་སློབ་ཆེན་སློབ་མ་དང་མཐོ་རིམ་མམ་འབྲིང་རིམ་
ལས་རིགས་སློབ་གྲྭའི་སློབ་མའི་ཁ་གསབ་རོགས་སྐྱོར་ལས་དོན་སྐོར་གྱི་བརྡ་ཐོ།
ནང་ཆེན་རྫོང་གི་ཡིག་ཚགས་དང་བྱང་བུ་བཟོའི་དབུལ་ཕོངས་ཁྱིམ་ཚང་ལྷན་རྒྱས།
2019ལོའི“སྦྲང་ཆར་ཟིལ་མའི་འཆར་གཞི”ཞེས་པའི་དབུལ་ཕོངས་ཁྱིམ་ཚང་གི་སློབ་ཆེན་སློབ་མ་དང་མཐོ་རིམ་མམ་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མའི་
ཁ་གསབ་རོགས་སྐྱོར་ལས་དོན་ཐད་ཀྱི་བརྡ་ཐོ་གཤམ་གསལ་ལྟར།
གཅིག ཁ་གསབ་རོགས་སྐྱོར་བྱ་ཡུལ།
2016ལོ་དང་2017ལོ་དང་2018ལོར་དབུལ་ཐར་ཟིན་པ་དང་། ཡང་ན་ ་2018ལོའི་ལོ་མཇུག་ཏུ་དབུལ་ཐར་བྱེད་ཐུབ་མེད་པའི་ཡིག་ཚགས་དང་བྱང་བུ་བཟོའི་
ཁྱིམ་ཚང་དབུལ་པོའི་བུ་ཕྲུག་ཁྲོད། 2019ལོའི་སྟོན་ཁར་སྤྱིར་བཏང་གི་ཉིན་གང་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭར་གསར་དུ་ཞུགས་པའི་(དར་མའི་རྒྱུན་མཐུད་སློབ་གསོའི་
སློབ་གླིང་གི་སློབ་མ་ཚུད་མེད་།)སློབ་མའམ་སློབ་གྲྭར་ཡོད་པའི་སློབ་ཆེན་སློབ་མ་དང་མཐོ་རིམ་མམ་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མ་བཅས་ཀྱིས་རེ་ཞུ་བྱེད་ཆོག
གཉིས། རོགས་དངུལ་གྱི་ཚད་གཞི།
ཡིག་ཚགས་དང་བྱང་བུ་བཟོའི་དབུལ་ཕོངས་ཁྱིམ་ཚང་གི་སྤྱིར་བཏང་གི་ཉིན་གང་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭར་ཞུགས་བཞིན་པའི་དངོས་གཞི་སློབ་མ་དང་།
ཆེད་སྦྱོང་སློབ་མ།ད་དུང་མཐོ་རིམ་ལས་རིགས་སློབ་གྲྭར་ཡོད་པའི་སློབ་མ་རེར་ལོ་རེར་རོགས་དངུལ་10000ཡིན། སྤྱིར་བཏང་གི་ཉིན་གང་ལམ་ལུགས་ཀྱི་འབྲིང་རིམ་ལས་
རིགས་སློབ་གྲྭར་ཡོད་པའི་སློབ་མ་དང་གྲ་སྒྲིག་འཛིན་གྲྭའི་སློབ་མར་མི་རེར་རོགས་དངུལ་5000ཡིན།
གསུམ། མིང་ཐོ་འགོད་པའི་དུས་ཚོད།
2019ལོའི་ཟླ་8ཚེས་29ཉིན་ནས་ཟླ་10ཚེས་31ཉིན་བར་ཡིན།
བཞི། རེ་ཞུ་བྱེད་སྟངས།
མི་སྒེར་གྱིས་རེ་ཞུ་བྱེད་པར་རོགས་སྐྱོར་བྱ་ཡུལ་ཐུན་མོང་གིས་ཡོའུ་ལོའུ་པའེ་ཧྲུ་ཐོང་“雨露百事通(手机APP)”ཟེར་བའི་ཁ་པར་ནང་གི་སྒྲིག་ཆས་མཉེན་རིགས་སྤྱད་ནས་རེ་འདུན་ཞུ་དགོས་ཏེ།ཡང་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གི་སྦྲང་ཆར་ཟིལ་མའི་འཆར་གཞིའི་
དྲ་ཚིགས། (དྲ་ལམhttp://www.yulujihua.com/)ཐོག་ནས་དངོས་མིང་ཐོ་འགོད་རེ་ཞུ་འབུལ་དགོས། དབུལ་ཕོངས་ཁྱིམ་ཚང་ལ་དྲ་རྒྱ་བརྒྱུད་ནས་
རེ་ཞུ་བྱེད་པའི་ཆ་རྐྱེན་མེད་པ་དག་ལ་རྫོང་རིམ་པའི་དབུལ་སྐྱོར་སྡེ་ཚན་དང་།གྲོང་ཚོར་བཅའ་སྡོད་ལས་བྱེད་པ། རོགས་སྐྱོར་འགན་འཁུར་བ་བཅས་ཀྱིས་དབུལ་ཕོངས་ཁྱིམ་ཚང་
གིས་མོས་མཐུན་ཐོབ་རྗེས་དུས་ཐོག་ཏུ་རོགས་རམ་དང་ཞབས་འདེགས་ཞུ་དགོས།
ལྔ། སློབ་ཁོངས་དཔང་ཡིག་གི་གསལ་བཤད།
(1) འབྲིང་རིམ་དང་མཐོ་རིམ་ལས་རིགས་སློབ་གྲྭར་ཡོད་པའི་སློབ་མས་སློབ་གྲྭས་སྤྲད་པའི་སློབ་ཁོངས་དཔང་ཡིག་ཡར་སྤྲོད་དགོས།
(2)དངོས་གཞི་དང་ཆེད་སྦྱོང་ཚན་ཁག་གི་སློབ་གྲྭར་ཡོད་པའི་སློབ་མས་སློབ་འཕྲིན་དྲ་བའི་ཐོག་ནས་ཕབ་ལེན་བྱས་པའི་སློབ་ཁོངས་དཔང་ཡིག་ཡར་སྤྲོད་དགོས།(3)2019ལོའི་སྤྱིར་བཏང་བའི་ཉིན་གང་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭར་གསར་དུ་ཞུགས་པའི་གྲ་སྒྲིག་འཛིན་གྲྭའི་སློབ་མས་སློབ་གྲྭས་སྤྲད་པའི་སློབ་ཁོངས་
དཔང་ཡིག་ཡར་སྤྲོད་དགོས།
དྲུག ཡོངས་བསྒྲགས་སྤྱི་བསྒྲགས།
ཞིབ་བཤེར་གཏན་འབེབས་བྱས་པའི་ཁ་གསབ་རོགས་དངུལ་སྤྲོད་ཡུལ་གྱི་སློབ་མའི་མིང་ཐོ་དང་འབྲེལ་ཡོད་ཆ་འཕྲིན།སློབ་མའི་ཁྱིམ་ཚང་གནས་ཡུལ་གྱི་སྲིད་འཛིན་གྲོང
་སྡེ་ནས་མངོན་སྒྲོག་བྱས་ནས་དམངས་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས།མངོན་སྒྲོག་ཏུ་སློབ་མའི་རུས་མིང་དང་བསྡུ་བའི་སློབ་གྲྭ་དང་ལེན་བྱེད་པའི་མཐོ་རིམ་གྱི་སློབ་གསོའི་ རིགས། ཁྱིམ་བདག་རུས་མིང་། ཁྱིམ་ཚང་སྡོད་གནས། ཡིག་ཚགས་དང་བྱང་བུ་བཟོའི་ཁྱིམ་ཚང་ཡིན་མིན། རོགས་དངུལ་ཚད་གཞི། ལྟ་སྐུལ་ཁ་པར་བཅས་ནང་དོན་འདུ་དགོས། ཡོངས་བསྒྲགས་བྱ་ཡུལ་དངོས་ལ་པར་ལེན་པ་མ་ཟད།དོ་དམ་ཞབས་ཞུའི་མ་ལག་ནང་དུ་ཡར་སྤྲོད་བྱེད་པ་དང་ཉར་ཚགས་བྱེད་དགོས།དམངས་ཚོགས་ཀྱིས་ཐེར་འདོན་བྱས་པའི་ཆ་རྐྱེན་དང་མི་མཐུན་པའི་ཁ་གསབ་བྱ་ཡུལ་ལ་ཞིབ་བཤེར་བྱས་པ་བརྒྱུད་རྫོང་རིམ་པའི་དབུལ་སྐྱོར་སྡེ་ཚན་གྱིས་ཞིབ་མཆན་བཀོད་རྗེས་ཁ་གསབ་བྱ་ཡུལ་གྱི་ཐོབ་ཐང་མེད་པ་
བཟོ་རྒྱུ་ཡིན།
བདུན། ཁ་གསབ་རོགས་དངུལ་སྤྲོད་རྒྱུ།
དངུལ་ཁང་གི་བྱང་གྲངས་(ཞིང་ལས་དངུལ་ཁང་གི་བྱང་བུ་ཡིན་དགོས)ངེས་པར་དུ་སློབ་མ་རང་ཉིད་དམ་སློབ་མའི་ཁྱིམ་བདག་མིང་ཐོག་གི་དངུལ་བྱང་ཐོག་ལ་
སྤྲོད་རྒྱུ་ཡིན།
བརྒྱད། 2018ལོའི“སྦྲང་ཆར་ཟིལ་མའི་འཆར་གཞི”ཀྱི་APPརེ་ཞུའི་གནས་ཚུལ་ལ་གཞིགས་ནས་དམིགས་བསལ་གྱི་དྲན་སྐུལ་འགའ།
(1) རེ་ཞུ་བྱེད་སྐབས་འབྲིང་རིམ་མམ་མཐོ་རིམ་ལས་རིགས་སློབ་གྲྭར་ཡོད་པའི་སློབ་མ་དང་2019ལོར་གསར་ཞུགས་ཀྱི་གྲ་སྒྲིག་འཛིན་གྲྭའི་སློབ་མས་སློབ་གྲྭས་སྤྲད
་པའི་སློབ་ཁོངས་དཔང་ཡིག་སྤྲོད་དགོས།དངོས་གཞི་དང་ཆེད་སྦྱོང་ཚན་ཁག་གི་སློབ་གྲྭར་ཡོད་པའི་སློབ་མས་སློབ་འཕྲིན་དྲ་བའི་ཐོག་ནས་ཕབ་ལེན་བྱས་པའི་སློབ་ཁོངས་དཔང་ཡིག་སྤྲད་དགོས། སློབ་ཁུངས་དཔང་ཡིག་ཐོག་ལ་སློབ་གྲྭས་ཐམནག་རྒྱག་དགོས་པ་ལ་ངེས་པར་གསལ་པོ་ཡིན་དགོས། 2019ལོའི་ཟླ་10ཚེས་30ཉིན་གྱི་གོང་དུ་སློབ་ཁོངས་
དཔང་ཡིག་དང་ཐོབ་ཐང་ལག་ཁྱེར་གྱི་པར་རིས་“སྦྲང་ཆར་ཟིལ་མའི་འཆར་གཞིའི་”APPཐོག་ལ་སྐུར་དགོས།
(2)རེ་ཞུའི་དུས་ཚོད་ནི་2019ལོའི་ཟླ་8ཚེས་29ཉིན་ནས་ཟླ་10ཚེས་31ཉིན་བར་ཡིན།
(3)རེ་ཞུ་བྱེད་མཁན་གྱིས་ཐོ་འགོད་བྱེད་སྐབས་ངེས་པར་དུ་སློབ་མར་འབྲེལ་གཏུག་ཐུབ་པའི་ཁ་པར་ཨང་གྲངས་ཁོ་སྤྲོད་བྱ་དགོས།
(4)རེ་ཞུ་བྱེད་མཁན་གྱིས་ངེས་པར་དུ་རེ་འདོན་ལྟར་སློབ་མའི་སློབ་ཁུངས་དཔང་ཡིག་དང་ཐོབ་ཐང་ལག་ཁྱེར་གྱི་འདྲ་གཉིས་བསྐུར་དགོས།
(5)རེ་ཞུ་སྐབས་སུ་འབྲི་བའི་དངུལ་ཁང་གི་བྱང་གྲངས་(ཞིང་ལས་དངུལ་ཁང་གི་བྱང་བུ་ཡིན་དགོས)ངེས་པར་དུ་སློབ་མ་རང་ཉིད་མིང་ཐོག་གི་ཡིན་དགོས་པ་དང་། ཡང་ན་ཁྱིམ་བདག་མིང་ཐོག་ལ་ཡོད་པའི་ཡུལ་ཤུལ་ནང་ཁུལ་གྱི་བྱང་བུ་ཡིན་དགོས།
(6)རེ་ཞུ་བྱེད་མཁན་གྱི་སྐུར་པའི་སློབ་ཁུངས་དཔང་ཡིག་སྟེང་གི་སློབ་གྲྭའི་མིང་དང་APPསྟེང་དུ་བྲིས་པའི་སློབ་གྲྭའི་མིང་གཅིག་མཐུན་ཡིན་དགོས།གལ་ཏེ་སློབ་
གྲྭའི་མིང་གཅིག་མིན་པར་སློབ་མའི་རོགས་དངུལ་སྟེར་བར་ཤུགས་རྐྱེན་ཐེབས་ཚེ། འགན་ཡོད་ཚད་རང་ཉིད་ཀྱིས་ཁུར་དགོས།
(7)ཀུ་ཤུ་ཁ་པར་གྱིས་ཕབ་ལེན་མི་ཐུབ་པས། རེ་ཞུ་བྱེད་སྐབས་ཨན་གྲོ་མ་ལག་ཅན་གྱི་ཁ་པར་བཀོད་དགོས།
ལྟ་སྐུལ་ཐེར་འདོན་ཁ་པར། 0976-8871031